青海湖

  • 语种:藏语
  • 发行时间:2016-09-11
  • 类型:Single

查看更多内容,请下载客户端

立即下载
加载中

简介

མེས་པོ་དཔའ་མཛངས་ཅན་གྱི་རུས་རྐང་ལ་འཐིམ་པའི་འོད་ཀྱི་གོང་བུ་ཡིན། ལོ་པཎ་རྣམ་དཔྱོད་ཅན་གྱི་ཞབས་རྗེས་ལ་འཁྱིལ་བའི་གླེགས་བམ་མཚོ་མོ་ཡིན། འཕྱོ་ཡ སྔོན་པོ་ཆལ་ཆིལ་རླབས་ཀྱི་གདོང་བ་འཕྱོ། གསེར་ནག་ལྷུང་ལྷུང་ཆུ་བོའི་རིག་པ་འཕྱོ། མཚོ་རྒན་མ་གཏེར་གྱི་བདག་པོ། མཛོད་གྱི་བདག་པོ། དགུང་སྔོན་པོ་ཁ་ཞེང་ཇི་ལྟར་ཆེ་རུང་། མཚོ་བྱུང་ལྷ་ཡིས་བྲིས་བའི་མེ་ལོང་འདི་ལས་ཡལ་མ་མྱོང་ལ། ས་དོག་མོ་ཞེང་ཁམས་ཇི་ལྟར་ཡངས་རུང་། རྐྱང་རྒོད་རྟ་ཡིས་བཅད་པའི་དཔངས་རྒྱ་འདི་ལས་བརྒལ་མ་མྱོང་། ཕ་ཨ་ཁུའི་དད་པའི་གཟི་ཆུང་བརྒྱུས་བའི་རིན་ཆེན་འཕྲེང་བ་ཡིན། བུ་ང་འདྲ་ཚོའི་རེ་བའི་རྨི་ལམ་བཅོལ་བའི་ནམ་མཁའ་སྔོན་མོ་ཡིན། འཕྱོ་ཡ། ས་རྐང་གཞུང་གི་ཡུལ་ནས་འཕྱོ། བོད་ཁ་བའི་ལྗོངས་ནས་འཕྱོ། བུ་རྒོད་པོའི་སྐྱ་རྩལ་ངོམས་སྟེ་ལྷ་དར་འཐེན་ཡོད། སྨན་མཛངས་མས་སྦྲ་སྒོའི་བར་ནས་གསེར་སྐྱེམས་མཆོད་ཡོད། ཡོད། མི་ཡུལ་ན་གྲགས་པ་འབར་བའི་གཡུ་ཡི་དགུ་ཚིགས། བདག་སེམས་ན་སྟོབས་ཀྱིས་འཕྱོ་བའི་ལ་རྒྱའི་མཚོ་མོ། འཕྱོ་ཡ། ན་ཟུག་གི་འཕྱོ། སྤོབས་པ་འཕྱོ། གངས་ཏི་སེའི་ཡེ་ཤེས་ཀྱི་སྤྱན་གྱིས་ཁྱེད་ལ་རེ་བཞག་གི་རྒྱང་གཟིགས་གནང་ཡོད། ཤར་རྨ་རྒྱལ་སྦོམ་རའི་དུང་སྒྲ་རིང་མོས་ཁྱེད་ལ་ཀི་བསོ་བའི་ལྷ་རྒྱལ་འཐེན་ཡོད།

[更多]
该歌手的其他专辑
举报反馈播放器